༈། ནང་ཆོས་སུ་ཐར་པའི་ལམ་གྱི་རྣམ་གཞག་སྟེང་ནས་རང་ཉིད་མི་བཟང་པོ་ཞིག་ཡོང་བར་གྲོགས་བྱེད།
བདེ་བ་ནི་ལྷ་བླ་མ་ཡི་དམ་ལ་གསོལ་བ་བཏབ་ནས་ཐོབ་པ་ཞིག་དང་། གང་ཟག་གཞན་ལས་རྔན་པ་ལེན་པ་ལྟ་བུ་མིན་པར། རང་ཉིད་ཀྱི་བརྩོན་པ་ལ་བརྟེན་ནས་བདེ་བ་སྒྲུབ་པ་ཡིན། གལ་ཏེ་ང་ཚོས་བྱམས་པ་དང་སྙིང་རྗེ་ལྟ་བུའི་འགྲོ་བ་མིའི་གཞི་རྩའི་ཡོན་ཏན་རྣམས་གོང་འཕེལ་གཏང་ན་རང་གི་འདོད་དོན་སྒྲུབ་ཐུབ་པ་ཡིན།____ས་སྐྱ་གོང་མ་ཁྲི་ཆེན་མཆོག་གི་གསུང་།在佛教中,救度之道是帮助自己成为更好的人。幸福快乐并非来自求神、求佛,我们不会如同获得礼物般获得幸福快乐。我们必须自己努力,让自己幸福快乐。如果我们发展基本的人类品质,比如爱,就能实现自己正寻求的目标。——萨迦·赤千法王
࿐རིན་ཆེན་ཕུན་ཚོགས་སྨྱུག་སྟེགས། . 4 days ago
སྐྱབས་གནས་ཀུན་འདུས་ཡིད་བཞིན་ནོར་བུ་སྟེ།།
ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་བ།།འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཞེས།།གོང་མ་ཁྲི་ཆེན་དུས་གསུམ་ཀུན་ཏུ་སྙེན།།ཚེ་རབས་ཀུན་ཏུ་མལ་ལྔས་ཕྱག་འཚལ་ཞིང་།།དངོས་དང་ཡིད་ཀྱིས་འབྱོར་ཚོགས་མཆོད་པས་མཆོད།།སྟོབས་བཞིའི་སྒོ་ནས་ཉེས་ལྟུང་གང་བྱས་བཤགས།།རབ་དངས་ཡིད་ཀྱིས་མཛད་པར་རྗེས་ཡི་རངས།།འགྲོ་ཀུན་བྱང་ཆུབ་བར་དུ་བསྐོར་བར་བསྐུལ།།འཁོར་བ་མ་སྟོང་བར་དུ་བརྟན་བཞུགས་གསོལ།།ལེགས་བྱས་ཅི་མཆིས་ཁྱེད་ཞབས་བརྟན་ཕྱིར་བསྔོ།།ཚེ་རབས་ཀུན་ཏུ་ས་ཆེན་བླ་མ་ཡི་།།ཐུགས་ཀྱིས་འབྲལ་མེད་ཉེ་བར་རྗེས་བཟུང་ནས།།ཡང་དག་ཡེ་ཤེས་རྒྱུད་ལ་མྱུར་སྐྱེས་ཏེ།།ཁྱེད་ཀྱི་ཆོས་ཀྱ
࿐རིན་ཆེན་ཕུན་ཚོགས་སྨྱུག་སྟེགས། . Sep 24
༸ རྗེ་ལམ་འབྲས་པ་འཇམ་དབྱངས་བསྟན་པ་ཆོས་གྲགས་རིན་པོ་ཆེའི་རྣམ་ཐར་ཅུང་ཟད་དྲན་པ་རྒྱ་མཚོའི་ཆུ་ཐིག།
༄༅། །འཇ༵མ་དབྱང༵ས་སྤྲུལ་པ་དཔལ་ལྡན་ས་སྐྱ་པའི།།བསྟ༵ན་པ༵་འཛིན་པར་ངོར་རྫོང་ཚར་གསུམ་གྱི།།ཆོ༵ས་དང་གདམས་ངག་ལྗོངས་འདིར་གྲ༵གས་སོ་ཅོག།འཛིན་མཁས་ཟླ་བྲལ་བསྟན་པ་ཆོས་གྲགས་འདུད།།གང་གི་ཐུགས་རྒྱུད་ངེས་འབྱུང་ལྕག་གིས་བསྐུལ།།ཐོས་བསམ་བརྩོན་འགྲུས་བང་ཁ་མ་ལྷོད་པར།།ཤེས་བྱའི་ནོར་བུ་ཉེ་བར་བསགས་པ་ཡིས།།ཤེས་རབ་བང་མཛོད་གྱུར་ཁྱེད་ཞབས་བརྟན་གསོལ།།གང་གི་ཐོས་དོན་ཡལ་བར་མ་དོར་བར།།དཀའ་བ་ཁྱད་བསད་བགྲངས་བྱ་བཅུ་གཉིས་རིང་།།བུག་སྒོ་འདག་སྦྱར་སྒོམ་པས་ཉམས་སུ་བླང་།།ཉམས་རྟོགས་ཚད་མེད་འཁྲུངས་ཁྱེད་ཞབས་བརྟན་གསོལ།།གང་གི་ཐུགས་ལ་འཁྲུངས་པའི་ཉམས་རྟོགས་རྣམ
࿐རིན་ཆེན་ཕུན་ཚོགས་སྨྱུག་སྟེགས། . Dec 1, 2024
འཁྲུངས་སྐར་བསུ།
ཕུ༷ན་ཚོ༷གས་ཡོན་ཏན་ཀུན་འབྱུང་ཐུབ༵་པའི་བསྟ༵ན།།རྣ༷མ་རྒྱ༷ལ་ཚུལ་དགུས་ར༵བ་ཏུ་གས༵ལ་མཛད་པའི།།མི་ཡི་སེང་གེ་ཕུན་ཚོགས་རྣམ་རྒྱལ་མཆོག།གངས་རི་སྤོ་ལ་འཁྲུངས་པའི་དུས་ཚེས་བསུ།།གངས་ལྗོངས་ཆོས་བརྒྱུད་ཡོངས་ལ་བཀའ་དྲིན་ཆེ་བའི་དཔལ་ས་སྐྱའི་མཁན་ཆེན་ཐུབ་བསྟན་རབ་གསལ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་གང་གི་ཞབས་སེན་སྤྱི་བོར་རེག་པའི་བཟང་པོ་སྤྲུལ་མིང་པས་གནའ་མཁར་ཟི་ལིང་ནས་སྤྱི་ལོ་༢༠༢༤ ཟླ་༡༠ པའི་ཚེས་༡༦ དགོང་མོར་བྲིས།
࿐རིན་ཆེན་ཕུན་ཚོགས་སྨྱུག་སྟེགས། . Nov 22, 2024
༈། བསོད་ནམས་རྒྱ་ཆེ་པོ་ཞིག་མེད་ན།
མ་རིག་པའི་གཉིད་ལས་སློང་མཁན་གྱི་བླ་མ་དེ་མཇལ་དཀའ་མོ་རེད།_____________________རྫོང་སར་མཁྱེན་བརྩེས།
࿐རིན་ཆེན་ཕུན་ཚོགས་སྨྱུག་སྟེགས། . Nov 19, 2024