མི་རྟག་སྟོན་པའི་སློབ་དཔོན།
ལྡོང་ཡོན་ཏན་རྒྱ་མཚོ།བསྟན་འཛིན་མང་བོའི་གདུལ་བྱ་རྫོགས་ནས་ཕེབས།།མཁས་དབང་ཁག་གཅིག་ཕྱི་མིག་འཕེན་བཞིན་ཆས།།སྒྱུ་རྩལ་བ་འགའ་གློ་བུར་གློ་བུར་ཡལ།།ཐམས་ཅད་མི་རྟག་སྟོན་པའི་སློབ་དཔོན་དངོས།།པར་བརྙན་བཀོད་ནས་མྱ་ངན་མ་ཞུས་ཀྱང་།།སོ་སོའི་བྱས་རྗེས་སེམས་ཀྱི་ཟབ་སར་འཛུམ།།འཆི་བདག་རྒྱལ་བོའི་བཀའ་ཡིག་མ་སླེབས་པར།།རང་འཁྲིའི་ལས་ལ་འབད་དོ་བདེ་བར་གཟིམས།།འུར་ཟིང་མང་བོས་ཕྱོགས་བཞི་མཚམས་བརྒྱད་བསྐོར།།ཆོས་བརྒྱད་ཚེར་མས་ཡང་དང་བསྐྱར་དུ་བསྣུན།།ཆོས་པའི་གཟུགས་ལ་ཆོས་ཀྱིས་ཕོངས་ན་མཚང་།།བཀའ་གདམས་གོང་མའི་རྣམ་ཐར་ལན་བརྒྱར་དྲན།།ངེས་འབྱུང་མེད་པར་སྐྱོ་མ
ལྡོང་ཡོན་ཏན . Feb 18, 2025
རིང་ལ་ཐུང་བའི་ལོ་གཅིག
ལྡོང་ཡོན་ཏན་རྒྱ་མཚོ།རིགས་གསུམ་མགོན་པོར་ཕྱག་འཚལ་སྐྱབས་སུ་མཆི། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །རབ་གནས་ཤིང་འབྲུག་ཉིས་སྟོང་ཉེར་བཞི་ལོར། །མི་ཚེའི་དྲན་ཤིང་ཐན་ཐུན་ཤུལ་ལ་བཞག །དགེ་འདུན་འདུས་པའི་སྡེ་དང་ལྷན་ཅིག་ཏུ། །ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་ལ་འགྲིམས། །སྐུ་ཞང་བཀའ་དྲིན་ཅན་གྱི་གདུང་མཆོད་དུ། །དགེ་འདུན་སྤྱན་དྲངས་རྗེ་ཡི་སྟོང་མཆོད་གསུངས། །རྭ་རྒྱའི་ལུང་མཐིལ་རྨ་ཀླུང་འགྲམ་རྒྱུད་ནས། །འཛིན་གྲྭ་ལྔ་ལ་དཔེ་ཁྲིད་ཆད་མེད་བྱས། །རིམ་པ་ཉེར་བདུན་སློབ་བུ་བརྒྱ་དང་བཅུ། །སློབ་མཐར་ཕྱིན་པའི་ཕྱག་རྟགས་དང་བཅ
ལྡོང་ཡོན་ཏན . Jan 28, 2025
རྣམ་དཔྱོད་ཅན་གྱི་སྤང་བླང་།
ང་ཚོས་མཐོ་དམན་དང་མཁས་བླུན་སུ་ཞིག་གི་སྐད་ཆ་ལའང་རྣ་བ་གླགས་ཤིང་སུན་སྣང་མེད་པའི་སྒོ་ནས་ཉན་དགོས་མོད། དེའི་སྐད་ཆ་ཡོད་ཚད་ལ་ཡིད་ཆེས་དང་དང་ལེན་བྱེད་དགོས་པའི་ངེས་པ་མེད། དཔྱད་པ་ཞིབ་མོ་གཏོང་བ་དང་། གོ་བསྡུར་ལེགས་པོ་བྱེད་པ། རྒྱུ་མཚན་ཡང་དག་ཡིན་མིན། ཁུངས་དང་གནས་ལུགས་ཡོད་མེད་སོགས་ལ་ཅིས་ཀྱང་བསམ་གཞིག་ནན་མོ་གཏོང་དགོས།ལྡོང་ཡོན་ཏན་རྒྱ་མཚོ།༢༠༢༤-༡༢-༢༨
ལྡོང་ཡོན་ཏན . Dec 28, 2024
རྟེན་ཅིང་འབྲེལ་འབྱུང་།
ང་ཚོས་ནམ་རྒྱུན་དོ་སྣང་བྱེད་པའི་འཛམ་གླིང་ངམ་རྒྱལ་ཁབ། ཡུལ་སྡེའམ་དགོན་པ། སློབ་གྲྭ་དང་བཟོ་གྲྭ་སོགས་ཀྱི་ལོ་རྒྱུས་ནི། རླབས་ཆེ་བའི་མི་ཟེར་བ་འདིའི་ལོ་རྒྱུས་ལས་གཞན་དུ་མ་མཆིས་མོད། དེའི་རྒྱབ་ལྗོངས་ན་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མཚར་བ་དང་ཤུགས་རྐྱེན་ཁྱད་པར་བ་ཞིག་ཡོད་པ་རྟོགས་དགོས་ཏེ། སྤྱི་ཚོགས་དང་མ་འབྲེལ་ཞིང་སྤྱི་ཚོགས་ཀྱིས་རམ་འདེགས་ལ་མ་བརྟེན་པའི་མི་སྣ་རླབས་ཆེན་ཞིག་འབྱུང་མི་སྲིད།ལྡོང་ཡོན་ཏན་རྒྱ་མཚོ།༢༠༢༤-༡༢-༢༧
ལྡོང་ཡོན་ཏན . Dec 27, 2024
ཨ་གསར།
གློ་བུར་དུ་མི་འགའ་དྲན་བྱུང་། ང་དང་ཉེ་བར་བཅར་ཞིང་དགའ་གུས་ཚད་མེད་བྱས་མྱོང་བའི་མི་འགའ་དྲན་བྱུང་། རྗེས་སུ་འབྲངས་ཤིང་གོང་དུ་བཀུར་མྱོང་མཁན་གྱི་མི་འགའ་དྲན་བྱུང་། ཅི་གསུང་བཀའ་བཞིན་བསྒྲུབ་ངེས་ཟེར་མཁན་གྱི་མི་འགའ་དྲན་བྱུང་། ཚེ་རབས་ཕྲེང་བརྒྱུད་ལ་མི་འབྲལ་གསོལ་བ་འདེབས་མཁན་གྱི་མི་འགའ་དྲན་བྱུང་།དམིགས་བྱ་གང་རུང་རེའམ། གནས་སྐབས་ཀྱི་བྱ་བའི་དགོས་མཁོ་ག་གེ་མོ་རེ་ཐག་གཅོད་བྱས་ཚར་རམ་ཅི། གོང་གསལ་གྱི་མི་དེ་དག་ལ་གློ་བུར་དུ་གྲག་འགུལ་མེད་སོང་། གོ་མེད་ཚོར་མེད་དུ་གྱུར་སོང་། འགའ་རེར་སྐད་འཕྲིན་གྱི་རྒྱབ་ལྗོངས་ནས་འཁྱུག་ཙམ་མཐོང་ཐུབ་
ལྡོང་ཡོན་ཏན . Dec 10, 2024