ཤེས་རབ་ཟབ་མོས་སྣང་བ་རབ་ཏུ་གསལ།།
བརྩེ་ཆེན་ཆུ་འཛིན་བཟང་པོས་ཆོས་ཆར་འབེབས།།དགེ་ལེགས་བྱེ་བའི་ལུས་སྟོབས་དར་གྲགས་པ།།བཤེས་གཉེན་ཉིན་མོའི་མགོན་པོས་རྟག་ཏུ་སྐྱོངས།།དོན་དམ་གཟིགས་པའི་ཤེས་རབ་རལ་གྲི་ཡིས། །རྨོངས་པའི་གཡུལ་གྱི་དཔུང་ཚོགས་བཅོམ་གྱུར་ནས། །དམ་ཆོས་ལུང་རྟོགས་འཛིན་པའི་དར་པོ་ཆེ། །སྲིད་གསུམ་ཁྱོན་འདིར་སྒྲེང་མཛད་མགོན་དེར་འདུད། །ཟབ་ཅིང་ཡངས་པའི་རྣམ་དཔྱོད་ཤེས་རབ་ཀྱིས། །རྒྱལ་བའི་གསུང་རབ་ཆོས་ཀུན་མངོན་གཟིགས་ནས། །རྒྱལ་བསྟན་དར་སྤེལ་མཛད་པའི་མཐུ་སྟོབས་ཅན། །ཟླ་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །སྲིད་རྩའི་གཉེན་པོ་ཤེས་རབ་མ་མ་ཡིས། །དམ་ཆོས་འོ་མས་བསྐྱངས་ཏེ་
གངས་རིའི་ས་བདག། . Oct 2, 2024
བློ་སྦྱོང་།
སྐྱེས་བུ་ཆུང་ངུའི་སྐབས་ཏེ་དང་པོའོ།།སྐྱེས་བུ་འབྲིང་གི་སྐབས་ཏེ་གཉིས་པའོ།སྐྱེས་བུ་ཆེན་པོའི་སྐབས་ཏེ་གསུམ་པའོ།གསང་སྔགས་ལ་འཇུག་པའི་སྐབས་ཏེ་བཞི་པའོ།གཞན་ཕན་འགྲོ་དོན་གྱི་སྐབས་ཏེ་ལྔ་པའོ།སླར་ཡང་སྐྱོན་གྱི་ཁོང་ནད་ལྷག་མ་རྣམས་ཕྱིར་ཕྱུང་ནས་གཉེན་པོའི་ལུས་ཟུངས་གསོ་བའི་སྐབས་ཏེ་དྲུག་པའོ།ཞེས་བླ་མ་ཡི་དམ་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ནང་གི་ཁོང་སྐྲན་འདོན་པའི་སྐྱུག་སྨན་ཞེས་བྱ་བ་འདི་ནི།བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཆོས་གྲྭ་ཆེན་པོ་ལྷུན་གྲུབ་བདེ་ཆེན་གྱི་གཟིམ་ཆུང་འོག་མིན་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ།། གངས་
གངས་རིའི་ས་བདག། . Aug 8, 2024
༄༅། །རྒྱལ་ཡུམ་སྒྲོལ་མའི་ཕྱག་རྒྱ་གདན་དང་བཅས་པའི་མཚོན་དོན་ཀ་ཕྲེང་ལམ་ནས་ཅུང་ཟད་གསལ་ཏེ་བསྟོད་པ་དངོས་གྲུབ་འཇོ་བའི་སྤྲིན་ཕུང་ཞེས་བྱ་བ།
ཨི་ཐི་བ་ཡི་སྙིང་པོ་རྒྱལ་བའི་ས།།ཨུ་དུམ་ཝ་ར་བཞིན་དུ་དཀོན་ཞེས་ཀྱང་།།ཨེ་མ་གང་ཞིག་བསྟེན་ན་དངོས་གྲུབ་མཆོག།ཨོ་ལོ་ཀུན་ལ་སྟེར་བའི་ཡུམ་དེར་འདུད།།ཀ་མ་ལ་ཡི་སྣ་ཚོགས་འདབ་བརྒྱ་དང་།།ཁ་བའི་མདངས་ལ་འཁུ་བའི་ཟླ་བ་གཉིས།།ག་ཤལ་རྒྱན་ཅན་ཏཱ་རེས་གདན་བྱས་པ།།ང་ཉིད་དག་པ་གཉིས་དང་ལྡན་ཞེས་སྟོན།།ཅ་ཅོ་མི་མངའ་བ་ཡི་རྒྱལ་བའི་ཡུམ།།ཆ་ཤས་སྣང་ཕྱོགས་སྟོང་ཕྱོགས་བསྟན་པའི་ཕྱིར།།ཇ་ཤིང་ལྟ་བུའི་ཞབས་ཟུང་བརྐྱངས་བསྐུམས་མཛད།།ཉ་མའི་རྣམ་ཅན་ཐབས་ཤེས་ཟུང་འཇུག་མ།།ཏཱ་རེ་ཏུ་རེ་འཁྲི་ཤིང་གཞོན་ནུའི་མའི།།ཐ་དད་ནུ་འབུར་མཁྲང་ཤིང་རྒྱས་པ་དེས།།ད་བར་ཟག་མེད་བདེ་ལ་རོལ་
གངས་རིའི་ས་བདག། . Oct 13, 2023
༄༅། རང་འདོམས་བསླབ་བྱ་ཕྲན་བུ་དཔལ་ལྡན་བླ་མའི་ཞལ་ལུང་ཟེགས་མ།
ལྷོ་འཛམ་གླིང་བསྐལ་པ་ཡ་ཐོག་དུས། །རྒྱལ་རིན་ཆེན་སྙིང་པོའི་སྤྱན་སྔ་རུ།།ཐུགས་བསྐྱེད་པའི་སངས་རྒྱས་སྟོང་རྩ་ཡིས། །ཡལ་བོར་བའི་རྩོད་དུས་ཐ་མ་འདི།།གང་ཉིད་ཀྱིས་བརྩེ་བས་མ་བཟོད་ནས། །ཡིད་དམ་བཅའི་གནས་ལས་མ་གཡེལ་བར།།ལམ་རིམ་པར་སྟོན་པའི་ཟས་གཙང་སྲས། །སྲས་བརྒྱུད་པར་བཅས་ལ་ཕྱག་འཚལ་ལོ།།དྲིན་གསུམ་ལྡན་འཁོར་ཟླ་བྲལ་བ་ཡི། །ཕ་བླ་མ་དགེ་བའི་བཤེས་གཉེན་ལ།།སེམས་དད་པ་དག་སྣང་མེད་པའི་ཁར། །དྲིན་དྲན་པའང་མེད་པའི་བསམ་པ་ཡིས།།ཡིད་ལུས་ངག་མ་གུས་སྦྱོར་བ་ལས། །མཐར་མཚམས་མེད་ལས་བཞིན་དམྱལ་བར་ལྟུང་།།ཆོས་ལམ་རིམ་གདམས་པ་ཞུས་ཞུས་ནས། །ལམ་འགོ་ནས་འཆུག་པ་མ་
གངས་རིའི་ས་བདག། . Oct 13, 2023
༄༅། །རྗེ་བཙུན་བླ་མ་དམ་པ་རྡོ་རྗེའི་མཚན་ཅན་གྱི་ཞབས་བརྟན་གསོལ་འདེབས་བཞུགས་སོ། །
༄༅། །ན་མོ་གུ་རུ་བྷྱ།རབ་འབྱམས་རྒྱལ་བའི་མཁྱེན་རབ་ནམ་མཁའི་ཁམས། །ཕྱི་ནང་གཤིན་རྗེའི་གཤེད་དུ་ཤར་བའི་ལྷ། །བྱིན་རླབས་གཏེར་གྱུར་བཛྲ་བྷཻ་ར་ཝས། །ཉི་བུའི་གཡུལ་ལས་རྒྱལ་བའི་མཆོག་སྦྱིན་སྩོལ། །རྒྱལ་ཀུན་གསང་གསུམ་གཅིག་འདུས་རྡོ་རྗེའི་སྐུ།།མདོ་སྔགས་དམ་ཆོས་མ་ལུས་འབྱུང་བའི་གཞི། །ངུར་སྨྲིག་རྒྱ༷ལ་མཚ༷ན་འཆང་བའི་མཆོག་གྱུར་པ། །སྐྱབས་གནས་ཀུན་འདུས་བླ་མར་གསོལ་བ་འདེབས། །རྡོ༷་རྗེ༷་འཆང་དངོས་བློ་བཟང་ཡབ་སྲས་ཀྱིས། །གཞོན་ནུའི་དུས་ནས་བུ་ལྟར་བསྐྱངས་པའི་མཐུས། །དུས་འདིར་བཤད་སྒྲུབ་རྒྱ༷ལ་མཚ༷ན་སྒྲེང་བ་ལ།།ཟླ་བྲལ་རྗེ་བཙུན་བླ་མར་གསོལ་བ་འདེབས།
གངས་རིའི་ས་བདག། . Nov 19, 2023