ལྷོ་རོང་རྫོང་དམར་རི་གྲོང་བརྡལ་གྱི་ས་ཁོངས་སུ་ཆགས་པའི་གནས་རི་ཆེན་པོ་ཟངས་མདོག་དཔལ་གྱི་རི་བོ་འདི་ཉིད་ཀྱི་སྨན་དང་འབྲེལ་བའི་སྐོར་ནི། དབུས་ཀྱི་རི་རྒྱལ་མཆོག་དམར་སེར་མདངས་འཛིན་ཙིཏྟའི་དབྱིབས་ཁ་བྱེ་བའམ་ཡང་ན་ཕྱག
བྲག་ཚེ་བུམ། . Feb 21, 2020
སེམས་སུ་ཐུགས་རྗེ་ཆེན་པོ་བསྒོམས། །ངག་ནས་མ་ཎི་ཡིག་དྲུག་འདོན། ། ཁ་ནང་སྲོག་བཅད་ཤ་རིགས་ཟ། །ལས་འབྲས་རྣམ་སྨིན་ཆོས་བརྒྱད་སོགས། །ཟ་ཞོར་འཐུང་ཞོར་གཏམ་དུ་གླེང་། །སྐེ་ལ་ཕྲེང་ཞགས་རིང་པོ་གྱོན། །ལག་ནང་གྲི་ཆུང་ར
ྣོ་ངར་བཟུང་། །སེམས་ཅན་འདི་ཡིས་ཤ་ཁྲག་གི །ཚེ་འདིའི་བུན་ལོན་འཇལ་སོང་ཟེར། །རང་བལྟ་ཆོག་འཛིན་ཁྱད་དུ་བསད། །དགེ་སྡིག་དམྱལ་བར་ཧ་མི་ལས། །ཁ་ཁོག་མི་མཚུངས་བབ་ཅོལ་སྨྲ། །ལས་འབྲས་དཀར་ནག་ལྡོག་ཏུ་མེད། །རྣམ་སྨིན་འཁོར་ལོ་བསྐོར་དང་མཚུངས། །མ་རྒས་མ་ཚ་མ་ན་དུས། །དེ་འདྲ་ཧམ་གཏམ་བཤད་པ་འཚར། ། སྐད་འཕྲིན་གླེང་སྟེགས་ཐོག་བརྙན་ཐུང་ཞིག་མཐོང་བས་རྐྱེན་བྱས། ༢༠༡༩ ༡༡ ༡ཉིན་གྱི་དགོང་མོར། བྲག་ཚེ་བུམ་ནས།
བྲག་ཚེ་བུམ། . Dec 2, 2019
ཡུལ་ལུང་འདིར་བཀའ་དྲིན་བླ་ལྷག་ཆེ་བའི་དཔོན་ལྷ་ བརྩོན་འགྲུས་མཐར་ཕྱིན་མཆོག་གི་སྨན་བརྒྱུད་བྱུང་ ཚུལ།
ཁོང་ཚང་གི་སྨན་བརྒྱུད་དང་པོ་ཚེ་རིང་ནོར་བུ་ནི་བོད་ལྗོངས་ལྷོ་རོང་དམར་རི་གྲེང་གསེར་གཞུང་གྲོང་གོ་འཇོ་ཚང་གི་ཡབ་བསོད་ནམས་བསྟན་འཛིན་དང་ཡུམ་བསོད་ནམས་ཚེ་དཔལ་གཉིས་ཀྱི་སྲས་སུ་༡༩༠༧ལོར་སྐུ་འཁྲུངས་ཞིང་ཆུང་དུས་ནས་ཞག་གཅོད་མཁན་པོ་དོན་འགྲུབ་དཔལ་བཟང་གི་མདུན་ལ་སྐྲ་ཕུད་ཕུལ་ནས་དགེ་བརྣོག་དགོན་ཀརྨ་དངོས་གྲུབ་རྟག་བརྟན་དར་རྒྱས་གླིང་དུ་གྲྭ་པ་བྱས། དགོན་གྱི་དབུ་མཛད་ལོ་དྲུག་ཙམ་ལ་འགན་བཞེས་ཏེ་དགུང་ལོ་ཉེར་བརྒྱད་ལ་སླེབས་དུས་ཞག་གཅོད་མཁན་པོ་དོན་འགྲུབ་དཔལ་བཟང་གི་མདུན་ནས་ཕྱི་རྒྱུད་ཀྱི་རྩ་ཆུ་དང་གཏར་བསྲེག སྨན་རྩྭ་ངོས་འཛིན་དང་སྨན་སྦྱོར
བྲག་ཚེ་བུམ། . Oct 29, 2019
ལྷོ་རོང་རྫོང་དམར་རི་གྲེང་ལྕོག་ཞོལ་གྲོང་གི་ས་གནས་མཛོ་མོ་ཕུག་པའི་ལྕགས་ཕུར་ཐད་ཀྱི་དོགས་དཔྱོད་དང་བཤད་སྲོལ་མི་འདྲ་བ་ཁག
༡ གླིང་སྒྲུང་དང་འབྲེལ་བའི་བཤད་སྲོལ། ༢ བོན་པོའི་བླ་མའམ་སྐྱེས་ཆེན་དམ་པ་སངས་རྒྱས་གླིང་པ་དང་འབྲེལ་བའི་བཤད་སྲོལ། ༣ གཏེར་སྟོན་གནམ་ལྕགས་རྩ་གསུམ་གླིང་པ་དང་འབྲེལ་བའི་བཤད་སྲོལ། ༤ མཁས་དབང་སངས་རྒྱས་རྡོ་རྗེ་དང་འབྲེལ་བའི་བཤད་སྲོལ།དང་པོ། གླིང་སྒྲུང་དང་འབྲེལ་བའི་སྐོར་ནི། དེའི་སྐོར་ལ་ལོ་ངོ་བཞི་བཅུ་ཡར་སྔོན་བྱིས་པ་སྣབས་ལུག་ཡིན་པའི་དུས་སུ་རྒན་རྒོན་དང་ཡུལ་མིའི་ངག་རྒྱུན་ལ་གླིང་གེ་སར་གྱིས་བདུད་རྒན་གླང་པོ་ཁྲ་འབར་དམ་ལ་བཏགས་ཏེ་བྲག་ལེབ་དཀྱུས་དཀྱུས་དེའི་འོག་ཏུ་ལྕགས་ཕུར་བཏབ་སྟེ་མནན་ཡོད་རེད་ཅེས་བཤད་
བྲག་ཚེ་བུམ། . Oct 14, 2019
ཝ་དམར་ཞབས་གསུམ་ལ་གཏམ་དུ་བྱ་བ། ༢༠༡༩ལོའི་ཟླ་༡༡པའི་ཚེས་༡༡ཉིན་གྱི་མཚན་མོར། བྲག་ཚེ་བུམ་ནས། ཝ་དམར་ཞབས་གསུམ་མི་བུ་ཚོ
བྲག་ཚེ་བུམ། . Oct 11, 2019